Thursday, June 11, 2015

Final 6/7


 ༡   གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

བདེན་པ་བཞི་ནི་གང་དག་ཡིན།


དཀོན་མཆོག་གསུམ་ནི་གང་དག་ཡིན།


མ་ཎི་ཡི་གེ་དྲུག་ནི་གང་དག་ཡིན།


བོད་ཀྱི་རྒྱལ་བོ་ཐོག་མ་སུ་ཡིན།


༢    གཤམ་གྱི་སློབ་ཚན་ཀློག་རྗེས་དྲི་བ་རྣམས་ལ་ལན་བྲིས་རོགས་གནང་།

སྲོང་བཙན་སྒམ་པོའི་སྐབས་བོད་རྒྱལ་ཁབ་ཀྱི་སྟོབས་ཤུགས།

བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ནས་བཟུང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་ཤུགས་སོགས་ཚང་མ་རིམ་པས་ཡར་རྒྱས་ཕྱིན་ནས། ཕྱི་ལོ་༦༡༧ ལོ་ལ་སྦྲ་སྟོད་ཚལ་གྱི་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་ཐོ་གར་བཟའ་ཚེ་སྤོང་གཉིས་ལ་སྲས་སྲོང་བཙན་སྒམ་པོ་འཁྲུངས་པ་རེད། སྲོང་བཙན་སྒམ་པོ་དགུང་ལོ་༡༣ ལ་ཕེབས་སྐབས་བོད་ཀྱི་རྒྱལ་པོར་བསྐོས།
དེའི་རྗེས་ལ་རྒྱལ་པོ་སྲོང་བཙན་སྒམ་པོས། བློན་པོ་མགར་སྟོང་བཙན་གཙོ་བོ་བྱས་ནས་བལ་ཡུལ་གྱི་རྒྱལ་པོའི་སྲས་མོ་བཙུན་མོར་སློང་དུ་བཏང་པ་དང་། བལ་ཡུལ་གྱི་རྒྱལ་པོས་ཀྱང་རང་གི་སྲས་མོ་བཙུན་མོར་འབུལ་རྒྱུའི་ཁས་ལེན་བྱས། དེ་ནས་སྲས་མོའི་རྟེན་སྐལ་དུ་བྱམས་པ་ཆོས་འཁོར་མ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བཅས་ཕུལ།
     བློན་པོ་ཐོན་མི་སམ་བྷོ་ཊ་བཅས་བོད་ཕྲུག་རིག་པ་ཅན་བཅུ་དྲུག་རྒྱ་གར་ལ་ཡི་གེ་སློབ་ཏུ་བཏང་། ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཡི་གེ་སྦྱངས་ནས་བོད་ལ་ཕྱིར་ལོག་གནང་སྟེ། བོད་ཡིག་གི་ཡིག་གཟུགས་གསར་པ་བཟོས་གནང་། ཐོན་མི་སམ་བྷོ་ཊས་བོད་ཡིག་དང་པོ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བསླབས་གནང་ནས། རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ལོ་བཞིའི་རིང་ཕོ་བྲང་གི་ཕྱིར་ལོག་ལ་མ་ཐོན་པར་བོད་ཡིག་སྦྱངས་ནས་བཞུགས། དེ་ནས་རྒྱལ་པོ་དང་བློན་པོ་ཚང་མ་འཛོམས་ནས་ཆོས་དང་སྲིད་གཉིས་ཀྱི་ཁྲིམས་ཡིག་བཟོས་གནང་།

ཕྱི་ལོ་༦༤༡ལོ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་མགར་རྒྱ་ནག་ལ་སྲས་མོ་སློང་དུ་བཏང་མོད། རྒྱའི་རྒྱལ་པོ་འདོད་པ་མེད་ཀྱང་གནོན་ཤུགས་ཀྱི་འོག་རང་གི་སྲས་མོ་ཕུལ། སྲས་མོའི་རྟེན་སྐལ་དུ་ཇོ་བོ་ཤྰཀྱ་མུ་ནིའི་སྐུ་དང་བཅས་བརྫངས་པ་རེད།

བོད་ཀྱི་ལོ་གསར།

བོད་ཀྱི་ལོ་གསར་ནི། ཞིང་ནས་ལོ་ཏོག་ཚང་མ་བསྒྲུགས་ཚར་བ་དང་། ལོ་ཏོག་གསར་པ་འདེབས་ལས་མ་བྱས་གོང་དུ་འཁེལ་སྲོལ་ཡོད། དེར་བརྟེན་བོད་ཟླ་༡༢་ཤར་བའི་རྗེས། བོད་མི་ཚོས་ལོ་གསར་དེ་གྲ་རྒྱས་པོ་དང་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུའི་ཆེད་དུ། སྔོན་ནས་ཁང་པ་ལ་ཚོན་རྩིས་གཏོང་བ་དང་། ནང་མི་རྣམས་ལ་གྱོན་གོས་གསར་པ་དང་སྡེར་ཁའི་ཁ་ཟས་བཟོ་བ། ཤིང་ཏོག་སོགས་ཟས་རིགས་སྣ་ཚོགས་སྒྲིག་པ། དེ་བཞིན་དུ་དར་ལྕོག་དང་དར་ཤིང་། ལུག་མགོ  ཆང་།  ལོ་ཕུད་སོགས་ཆ་ཚང་གྲ་སྒྲིག་བྱེད་ཀྱི་ཡོད།
བོད་ཟླ་༡༢པའི་ཚེས་༢༩ ཉིན་དགུ་ཐུག་གི་ཉིན་མོ་ཡིན་ལ། དགོང་དྲོར་དགུ་ཐུག་ཅེས་གྲོ་དང་འབྲས། འབྲུ་དང་སྲན་མ། ཚལ་སོགས་ཟས་སྣ་ཁ་དགུ་འཛོམས་པའི་བག་ཐུག་བསྐོལ་ནས། ནང་མི་ཚང་མ་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་པ་དང་། ཐུག་པ་ལྷག་མ་དང་གད་སྙིགས་བཅས་ཀླུད་ལ་གཡུག་སྲོལ་ཡོད།

ཕོ་བྲང་པོ་ཏ་ལ།

པོ་ཏ་ལ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ཟེར། བོད་ཀྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ལྷ་སར་གླང་ཆེན་འཕྲེད་ཉལ་ལྟ་བུའི་རི་ཞིག་ཡོད། རི་དེ་ལ་དམར་པོ་རི་ཟེར། རི་དེ་ཐོག་མ་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྒྲུབ་གནས་ཤིག་ཡིན། དེ་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ས་སྟོད་ཡར་ལུང་དུ་ཡོད་པ་དེ་དམར་པོ་རིར་སྤོས། ཕྱི་ལོ་༦༤༡ ལོར་སྲོང་བཙན་སྒམ་པོས་དམར་པོ་རིིའི་སྟེང་དུ་ཕོ་བྲང་དཀར་པོ་ཞེས་པ་གསར་པ་བཞེངས་པ་རེད། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་རྗེས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱི་ལོ་༡༦༩༠ ནས་བཟུང་ལོ་བཞིའི་རིང་སྔར་གྱི་ཕོ་བྲང་དཀར་པོ་ལ་སླང་ཡང་ཞིག་གསོ་གནང་ནས་དེའི་ཐོག་ད་ལྟ་ཡོད་པའི་རྒྱ་ཆེ་བའི་ཕོ་བྲང་དམར་པོ་གསར་དུ་བཟོས་གནང་པ་རེད། ཕོ་བྲང་པོ་ཏ་ལར་ཐོག་བརྩེགས་༡༣ ཡོད་པ་དང་། ཁྱོན་བསྡོམས་ཁང་མིག་༡༠༠༠ལྷག་ཙམ་ཡོད། པོ་ཏ་ལའི་ནང་ཏྰ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཁག་དང་། འཕགས་པ་ལོ་ཀེ་ཤྭ་ར་སོགས་བྱིན་རླབས་ཤིན་ཏུ་ཆེ་ཞིང་ལོ་རྒྱུས་ལྡན་པའི་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས་པའི་ལྷ་ཁང་དང་། དེ་བཞིན་གཟིམ་ཆུང་ཚོགས་ཆེན། ཡིག་ཚང་། གྲྭ་ཤག  དཔེ་མཛོད་ཁང་། སློབ་གྲྭ། མཛོད་ཁང་། ཁྲིམས་ཁང་སོགས་ཕུན་སུམ་ཚོགས་པའི་གྲོང་སྡེ་ཆེན་པོ་ལྟ་བུ་ཞིག་ཡོད།



བོད་ལ་བཅིངས་པའི་བརྩེ་དུང་ཞེས་རྩོམ་ཐུང་ཞིག་བྲིས་རོགས་གནང། 

Tuesday, September 10, 2013

HW ནང་ལས

༡་  ཕྱག་འཚལ་དགོས་པའི་རྒྱུ་མཚན་ག་རེ་རེད།

༢་  ཕྱག་ལ་དབྱེ་ན་ག་ཚོད་ཡོད་པ་རེད་དམ།

༣་  ལུས་ངག་ཡིད་གསུམ་གྱི་ཕྱག་བྱེད་སྟངས་ག་རེ་རེད།

༤་ ཁྱེད་རང་གིས་ཕྱག་འཚལ་བཞིན་ཡོད་དམ། 

༥་ དཀོན་མཆོག་གསུམ་ལ་ཕྱག་འཚལ་དགོས་པའི་དགོས་པ་དང་རྒྱུ་མཚན།

Friday, September 6, 2013

10 Questions དྲི་བ་བཅུ

i༡ ་ནང་པའི་ཆོས་ཀྱི་སྡོམ་བཞི་གང་དག་རེད།

༢་ ནང་པ་བ་ཞིག་ཡིན་ན་ངེས་པར་ཏུ་ཆོས་ཀྱི་སྡོམ་བཞི་ཁེས་ལེན་དགོས་མི་དགོས། རྒྱུ་
     མཚན་ཅི་ཡིན།

༣་ སངས་རྒྱས་ཆོས་ལུགས་རྒྱུད་འཛིན་པ་ལ་ནང་པ་ཟེར་དོན་ཅི།

 ༤་ ནང་པའི་ཆོས་ལུགས་དང་ཕྱི་རོལ་པའི་ཁྱད་པར་ག་རེ་རེད།

༥་ ཕྱི་རོལ་པ་ཟེར་བའི་ཆོས་ལུགས་གང་དག་རེད།

༦་ནང་པ་བ་ཞིག་ཡིན་ན་ཕྱི་རོལ་པའི་ཆོས་ལ་སློབ་གཉེར་དང་དར་སྤེལ་བྱེད་ཆོག་གམ། 
    རྒྱུ་མཚན་ཅི། 

༧་ཕྱག་རྒྱ་བཞིའི་ནང་གི་བདག་ཟེར་བ་དེ་ག་འདྲ་ཞིག་ལ་ངེས་འཛིན་གནང་དགོས་ངེས་
   རེད།

༨་ རྒྱལ་སྲས་ཀྱི་སྤྱོད་འཇུག་ལ་སློབ་གཉེར་གནང་བ་ཡིན་ན་ངེས་པར་ཏུ་དགེ་སློབ་གཉིས་ཀའི་དང་པོ་གྲུབ་མཐའི་རྣམ་བཞག་གཏིང་ཟབ་པོ་ཞིག་ཤེས་དགོས་པའི་རྒྱུ་མཚན་ག་རེད།  ལྷག་པར་ཏུ་བླ་མའམ་དགེ་བའི་བཤེས་གཉེན་གྱི་གྲུབ་མཐའི་རྣམ་བཞག་ཞིབ་ཤིང་ཕྲ་བ་ཞིག་མཁྱེན་དགོས་དོན་ཅི།

༩་སྤྱོད་འཇུག་ལ་ལེའུ་ག་ཚོད་ཡོད་པ་དང་ལེའུ་རེ་རེ་གསུངས་དགོས་པའི་རྒྱུ་མཚན་ག་རེ་རེད།

༡༠་མོ་ཊ་དང་རླངས་འཁོར་གཉིས་ལས་བོད་སྐད་ནང་དུ་མོ་ཊ་དར་ཁྱབ་བྱུང་ཡོད་པས།
མོ་ཊ་ཞེས་དང་པོ་བརྡ་བརྗོད་པ་པོས་མིང་བཏགས་པ་བཞིན་རྒྱུན་འཇགས་སུ་སོང་སྐྱོན་དང་དགེ་བ་ག་རེ་འདུག།ghtenment   (The Seven fold-cause and effect precepts)

Thursday, September 5, 2013

Flying High

   

མཐོ་སྒང་གི་རྣམ་པ།
གངས་རི་དང་མཚོ་རྫིང་གི་རྭ་བས་བསྐོར་བའི་ངའི་ཕ་ཡུལ། 





                                             


Happy BD YAK


Birthday
New levels of adventures are waiting for you!
Have a supreme Birthday
You are absolutely right!
You Deserve the Best!


You are Terrific!
 Happy Birthday!



     ༄༄།།  བཀྲ་ཤིས་བདེ་ལེགས།

         གཞོན་སྐྱེས་                            ་སྐྱེས་
       སྐར་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་
       དང་ཆབས་ཅིག  ཉིད་ཀྱི་གང་འདོད་ཐམས་ཅད་
       ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་དང་བཅས།

               གྲོགས་པོ་ཞིག་གིས



Saturday, November 10, 2012

HW


འཛིན་གྲྭ་དྲུག་པ་ཚོའི་ནང་ལས།         

   ནོར་གཅིན་བཏང་བ།

ཨ་ཁུ་སྟོན་པ་རྒྱལ་པོའི་ཕོ་བྲང་དུ་གཡོག་པོར་བཀོལ་ནས་ལོ་གཉིས་ཙམ་ཕྱིན་ཡོད་ཀྱང་། ཁོ་པའི་བསམ་པར་དུས་རབས་གཅིག་ཙམ་བསྡད་པའི་སྣང་བ་འཆར་གྱི་ཡོད་པ་རེད།
དེ་ལོའི་ལོ་གསར་གོང་ལ་ཨ་ཁུ་སྟོན་པ་དགོངས་པ་ཞུས་ནས་ཁྱིམ་ལ་འཁོར་ཞག་ཕྱིན་པ་རེད།
འོན་ཀྱང་ཕ་ཡུལ་གྱི་རྣམ་པ་ནི་སྔར་བས་ཉམ་ཐག་ཅིང་ཡིད་སྐྱོ་བར་གྱུར་ཡོད།
དེ་སྔ་ཡུལ་མི་ཚོའི་གདོང་ལས་འཆར་བའི་སྤྲོ་སྣང་ཡལ་ཞིང་། གླུ་སྒྲ་ཡང་སྡུག་བསྔལ་གྱི་གཏམ་བཤད་དང་སྨྲེ་སྔགས་སུ་གྱུར་ཡོད།
ཨ་ཁུ་སྟོན་པས་ཡིད་སྐྱོ་བའི་ངང་གྲོང་ཚོའི་ནང་དུ་སྐྱོད་དུས། ཡུལ་མི་ཚོས་ཡུན་རིང་རེ་སྒུག་བྱས་པའི་མིག་མདའ་འཕང་བཞིན་ཁོང་གི་ཕྱོགས་སུ་འདུས་ཡོང་།
གདོང་གཤིས་སྐྱོ་ལ་ལུས་རིད་པའི་ཡུལ་མི་ཚོ་མཐོང་དུས། ཨ་ཁུ་སེམས་གཏུང་ནས་སྐྱོ་དེ་ གནས་ཚུལ་ག་རེ་ལྷག་སོང་་་ཞེས་དྲིས།
ཁྱེད་ཕྱིན་རྗེས་ཀྱི་ལོ་ཤས་ནང་ང་ཚོ་དམྱལ་བའི་ནང་དུ་འཚོ་བ་སྐྱེལ་དགོས་བྱུང་། ་་ཞེས་བགྲེས་སོང་ཞིག་གིས་ཐོག་མ་ཁ་གྲག  དེ་རྗེས་ཚང་མས་སྡུག་བསྔལ་བགྲང་འགོ་ཚུགས།
ད་བྱེད་དུས་མངའ་བདག་གི་གཉའ་གནོན་དང་། སྡེ་དཔོན་གྱི་ཁྲིམས་འགལ་སྤྱོད་ལོག་  རྒྱལ་པོའི་བཙན་འཕྲོག་སོགས་བྱས་རྐྱེན་གྱིས་མི་རྣམས་ད་ཆ་ཟས་གོས་གཉིས་མེད་ཀྱི་འཆི་ཁའི་གནས་སུ་ལྷུངས་ཡོད།
ཁོ་ཚོའི་སྡུག་བསྔལ་ཉན་རྗེས།  ཨ་ཁུ་སྟོན་པ་དབང་སྒྱུར་པར་འཁོན་སེམས་དྲག་པོ་སྐྱེས་ཏེ། རང་གི་སྤུན་ཟླ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྐྱབ་རྒྱུའི་སེམས་ཐག་བཅད།
མུ་མཐུད་ནས་་་་་་།

དྲི་བ།
སྒྲུང་ཐུང་འདི་ཀློག་རྗེས། རང་གི་མྱོང་ཚོ་ཐུང་ཐུང་ཞིག་འབྲི་རོགས་གནང་།






                  TFL 
Please write down following article-About Buddhism
            ནང་པའི་ཆོས་ཀྱི་སྒོ།
སངས་རྒྱས་དང་། ཆོས། དགེ་འདུན་གསུམ་ལ་དཀོན་མཆོག་གསུམ་ཞུ་བ་རེད།
དཀོན་མཆོག་ལ་ཡིད་ཆེས་དང་། དད་པ་བྱེད་དགོས།
དཀོན་མཆོག་ལ་དད་པ་བྱས་ནས་སྡིག་པ་སྤངས་ན་སྐྱིད་པོ་ཡོང་གི་རེད།
དཀོན་མཆོག་གསུམ་ལ་དད་པ་བྱེད་མཁན་ཚོར་ནང་པ་ཟེར་བ་རེད།
རྒྱུན་དུ་གནོད་སེམས་སྤངས་ནས་སེམས་པ་བཟང་པོ་བྱེད་དགོས།
གཞན་ལ་སྙིང་རྗེ་དང་། ཕན་སེམས་བྱེད་མཁན་ཚོ་ལ་ཆོས་པ་ཟེར་བ་རེད།
གཞན་ལ་གནོད་བྱས་ན་སྡིག་པ་ཡོང་གི་རེད། སེམས་པ་བཟང་པོ་བྱེད་པ་ནི་ཆོས་ཀྱི་རྩ་བ་རེད།
ནང་པའི་ཆོས་ནི་སངས་རྒྱས་ཀྱི་བསྟན་པ་རེད། བོད་དུ་ཆོས་སྤེལ་མཁན་ལ་བླ་མ་ཞུ་བ་རེད།

Wednesday, October 10, 2012

HW-ནང་སྦྱོང་།


Hello everyone.
6-grade students only.  There are 7 questions.

༡་  བོད་ལ་གངས་ལྗོངས་དང་གངས་རིའི་ལྗོངས། གངས་ཅན་ལྗོངས་ཟེར་དོན་ཅི།

༢་   གངས་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་ནི་གང་དག་ཡིན།

༣་  བོད་ཀྱི་གངས་རི་མང་པོ་ནང་ནས་གྲགས་ཆེ་བའི་གངས་རི་ལྔའི་མིང་འབྲི་དགོས།

༤་   འཛམ་གླིང་ལ་ཡོངས་སུ་གྲགས་པའི་བོད་ཀྱི་ཆུ་ཆེན་བཞིའི་མིང་འབྲི་དགོས།

༥་  སྤྲེའུ་བྱང་ཆུབ་སེམས་དཔའི་སྤྲུལ་བའི་མཚན་ལ་ག་རེ་རེད།

༦་  རྒྱལ་བས་སྤྲེའུ་རྣམས་དམར་གསོད་བྱ་དགོས་དོན་ཅི།

༧་   སྤྲེའུ་བྱང་ཆུབ་སེམས་དཔའ་དམིགས་དཔེར་བཟུང་ནས་ཁྱོད་རང་ཉིད་ཀྱི་མི་
        དམངས་ལ་ཞབས་འདེགས་ག་རེ་ཞུས་འདོད་ཡོད་དམ།


TFL students only.  Copy-Cover-Write

1 བོད།     བོད་རིགས།   བོད་རིགས་སྤུན་ཟླ།  བོད་རིགས་སྤུན་ཟླ་ངའི་གྲོགས་པོ་ཡིན།

2 བོད་ཡུལ། གངས་ཅན་ལྗོངས། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས།

ལྷ་ས།  རྒྱལ་ས་ལྷ་ས།  བོད་ཀྱི་རྒྱལ་ས་ལྷ་ས།  ང་ཚོ་བོད་ཀྱི་རྒྱལ་ས་ལྷ་ས།

ཆོས།  ནང་པའི་ཆོས།  བོད་ཀྱི་ནང་པའི་ཆོས།  ང་ཚོ་བོད་ཀྱི་ནང་པའི་ཆོས་ལུགས།

གྲོགས།  གྲོགས་པོ།  ངའི་གྲོགས་པོ།  ངའི་གྲོགས་པོ་བློ་བཟང་ཡིན།